Astrology Books
Book Title: A Concise Introduction to TIBETAN ASTROLOGY
With a Review by Chögyal Namkhai Norbu
ISBN 818641977-2
Compiled by Tenzin Sherab and Tenzin Tsewang Jamling,
Men-Tsee-Khang, Tibetan Medical & Astro. Institute
The book comes with illustrations and can be easily read. After a brief but comprehensive historical introduction, it explains the relationship of astrology with other fields of Tibetan knowledge, especially medicine. Then it goes directly into practice. The merit of this book is to have extracted the pith from the vast literature on the subject and to have found a synthesis between the need to outline all the basic aspects of Tibetan Astrology and the intention to make this science understandable and applicable in practice for the secular West.
༄༅།།འབྲས་རྩིས་བཻ་དཀར་དགོངས་དོན་དྲི་མེད་ཀུན་ཕན་མེ་ལོང༌། རྩིས་གཞུང་འདི་ནི་སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་ཕུག་ལུགས་རྩིས་ཀྱི་བསྟན་བཅོས་བཻཌཱུར་དཀར་པཱུའི་དོ་ཤལ་དཔྱོད་ལྡན་སྙིང་ནོར་གྱི་འབྲས་རྩིས་ལེའུ་ནས་ཟུར་འདོན་མཛད་དེ་དཔར་དུ་བསྐྲུན་པ་ཞིག་ཡིན།
ཤོག་གྲངས། ༡༡༤
༄༅། །ཚེ་རྩིས་འབྲས་བུ་བློ་གསར་དགའ་སྐྱེད། དཔེ་དེབ་འདི་སྨན་རྩིས་མཐོ་སློབ་ཁང་གི་མཁས་དབང་དགེ་ཆེ་དམ་པ་བར་ཞི་ཕུན་ཚོགས་དབང་རྒྱལ་མཆོག་ནས་བཻ་དཀར་ཚེ་རྩིས་ལེའུ་གཞིར་མཛད་ཐོག་གང་ཉིད་ཀྱི་གཟིགས་དཔེ་སོགས་ནས་ཀྱང་ཁ་སྐོང་གིས་ཚེ་རྩིས་འབྲས་བུ་རྒྱས་མིན་གོ་བདེར་བཏུས་པ་ཞེས་པ་ཕྱོགས་བསྒྲིགས་གནང་ཞིང༌། རྩིས་དགེ་དམ་པ་བྲག་མཐོན་བྱམས་པ་རྒྱལ་མཚན་ལགས་ཀྱིས་རྩིས་ཀྱི་འདར་གཡང་དང་དཀར་ཆགས། དབྱངས་འཆར་གཟའ་དགུའི་ཚེ་རྩིས་རྒྱག་ཚུལ་རྩིས་རིག་དགེ་ཆེ་བློ་གྲོས་རྒྱ་མཚོ་དམ་པའི་གསུང་བཅས་གསར་དུ་ཁ་བསྣོན་བགྱིས་པ་ཞིག་ཀྱང༌། ཐེངས་འདིར་གཞན་ཡང་འབྲེལ་ཡོད་དབྱངས་འཆར་མཾཀུར་དང༌། གཟའ་དགུ་ཕྲ་བའི་འབྲས་བུ། འབྱུང་རྩིས་འབྲས་བུ་འགའ་བཅས་ཁ་སྣོན་ཐོག་དཔར་བསྐྲུན་ཞུས་པ་ཞིག་ཡིན།
ཤོག་གྲངས། ༢༨༠
༄༅། །འབྱུང་རྩིས་མན་ངག་ཟླ་བའི་འོད་ཟེར། དཔེ་དེབ་འདི་ནི་ལོ་ཆེན་རིན་པོ་ཆེ་དྷཱརྨ་ཤྲིས་འབྱུང་བའི་རྩ་བ་རིན་ཆེན་ཀུན་འདུས་སོགས་འབྱུང་རྩིས་ཀྱི་གཞུང་ཁུངས་ལྡན་རྣམས་ལས་བཏུས་ཏེ་མཛད་པ་ཞིག་དང༌། དེབ་འདིའི་མཇུག་ཏུ་བློ་གསར་རྣམས་འཇུག་པ་བདེ་ཕྱིར་འདི་གའི་རྩིས་དགེ་དམ་པ་བྲག་མཐོན་བྱམས་པ་རྒྱལ་མཚན་ལགས་ནས་སྔོན་འགྲོ་གཙུག་ལག་སྒོ་འབྱེད་ཀྱི་སྐོར་འགོ་རྣམས་རེའུ་མིག་གསར་སྤེལ་ཞུས་ཡོད། ཤོག་གྲངས། ༡༣༤
༄༅། །མཧཱ་ཙི་ནའི་རྩིས་རིག་དགེ་ལྡན་མཁས་དབང་ཡོངས་ཀྱིས་ཕྱག་རྒྱུན་དུ་བསྟར་བའི་རྡེལ་འགྲེམ་འཐོར་བསྡུས་རྒྱས་འདྲིལ་དུ་བཀོད་པ་དཔྱོད་ལྡན་སྙིང་ནོར་འདོད་རྒུ་འཇོ་བའི་དཔག་བསམ་ལྗོན་ཤིང༌། འདི་ནི་དཔལ་ལྡན་བཀྲ་ཤིས་འཁྱིལ་གྱི་རྡོ་རམས་པ་བློ་བཟང་ཚུལ་ཁྲིམས་རྒྱ་མཚོའམ་མཚན་གཞན་ཨ་ཁུ་ལྷ་མོ་ཚུལ་ཁྲིམས་དུ་འབོད་པས་མཛད་པ་ཞིག་དང༌། འདི་ག་སྨན་རྩིས་ཁང་གི་རྩིས་རིག་སློབ་དཔོན་དམ་པ་དཔལ་ལྡན་བཀྲ་ཤིས་འཁྱིལ་གྱི་མཛོད་ཟུར་དུས་འཁོར་བ་བློ་གྲོས་རྒྱ་མཚོ་མཆོག་གིས་རྒྱ་གར་ནང་གཞུང་འདིའི་ཐོག་ནས་སློབ་འཁྲིད་ཀྱི་ཕྱག་སྲོལ་གནང་བས་མ་ཕྱི་ཡང་རྩིས་དགེ་དམ་པ་དེ་ཉིད་ཀྱི་ཕྱག་དཔེ་ཡིན་པ་དེ་སྔ་དཔེ་རིང་ཐོག་ཡོད་པ་རྩ་རྫོགས་ཀྱིས་དེབ་གཟུགས་ཐོག་དཔར་བསྐྲུན་ཞུས་པ་ཞིག་ཡིན།
ཤོག་གྲངས། ༢༤༨
༄༅། །རྩིས་དཀར་ནག་གི་དྲིས་ལན་ཉིན་བྱེད་དབང་པོའི་སྣང་བ༌། འདི་ནི་ྋརྒྱལ་དབང་ལྔ་པ་ཆེན་པོ་མཆོག་ནས་རྩིས་དཀར་ནག་ལ་དོན་གཉེར་ཅན་རྣམས་ཀྱི་ཐེ་ཚོམ་བསལ་ཞིང་ངེས་པ་བརྙེད་ཕྱིར་རབ་བྱུང་བཅུ་གཉིས་པའི་མེ་སྤྲེལ་ལོར་གསུངས་པའི་བསྟན་བཅོས་ཤིག་དང༌། དེ་ཡང་ྋགོང་ས་ལྔ་བ་ཆེན་པོ་མཆོག་གི་གསུང་རྩོམ་པུ་སྟི་ཉི་ཤུ་རྩ་ལྔ་ཙམ་མཛད་པའི་ནང་གི་པོད་༼ཝ༽པའི་ནང་གསེས་གསུམ་པ་ནས་ཟུར་འདོན་གྱིས་དེབ་གཟུགས་སུ་དཔར་བསྐྲུན་བྱས་པ་ཞིག་ཡིན།
ཤོག་གྲངས། ༡༤༨
༄༅། །རྩིས་ཀྱི་ལག་ལེན་གསལ་བར་བྱེད་པའི་ལྡེའུ་མིག་ཉེར་མཁོའི་ཟ་མ་ཏོག་གི་མན་ངག་རྒྱུད་དོན་སྙིང་པོ་ལེགས་པར་བསྡུས་པའི་ཟླ་ཟེར། དཔེ་དེབ་འདི་ནི་གོ་འཇོ་ཚེ་དབང་རྣམ་རྒྱལ་ལགས་ཀྱིས་བརྩམས་པ་ཞིག་ཡིན་ཞིང༌། གཞུང་དོན་ཁ་གསལ་ཞིང་གོ་བདེ་ལ་རེའུ་མིག་སོགས་ཆ་ཚང་བ་དང༌། གཞུང་དོན་བརྗོད་གཞི་ཡངས་པ་དང་རྗོད་བྱེད་གསལ་བ། དུས་འཁོར་རྩ་འགྲེལ་གཉིས་དང་དེ་འབྲཻལ་མཚུར་ཕུག་གཉིས་ཀྱིས་གཙོས་སྐབས་བབ་སྒྲིབ་བྲལ་ལེགས་བཤད་དག་གི་ཉིང་བཅུད་ཁག་གནད་གསལ་དོན་བསྡུས་ཀྱི་ལམ་ནས་བསྟན་པའི་རྩིས་གཞུང་ཁུངས་ལྡན་ཞིག་ཡིན།
ཤོག་གྲངས། ༢༩༠
༄༅། །དབྱངས་འཆར་གཟའ་བདུན་མོ་དཔེ། འདི་ནི་དུས་འཁོར་བསྡུས་རྒྱུད་ཁམས་ལེའུ་ལས་གཟའ་བདུན་གྱིས་སྐྱེ་བུའི་བདེ་སྡུག་བལྟ་བའི་ཆེད་ཟུར་འདོན་ཞུས་པ་ཞིག་དང༌། འདིའི་ནང་གཞན་ཡང་མོ་དཔེ་ཉེར་མཁོ་སྣ་ཚོགས་གསལ་ཡོད་པ་མཁོ་ཆེ་བར་བརྟེན་ཀུན་ལ་སྨན་སླད་དཔར་དུ་བསྐྲུན་པ་ཞིག་ཡིན།
ཤོག་གྲངས། ༦༥
༄༅། །རྩིས་གཞུང་ཉིན་བྱེད་སྣང་བའི་འགྲེལ་པ་རྣམ་འགྲེལ་གསེར་གྱི་ཤིང་རྟ། དཔེ་དེབ་འདི་ནི་སྨིན་གླིང་ལོ་ཆེན་དྷརྨ་ཤྲིས་བརྩམས་གནང་མཛད་ཅིང༌། དེའི་ནང་དོན་རྩིས་གཞུང་ཉིན་བྱེད་སྣང་བའི་ཚིག་དོན་དང་ཟབ་མོའི་གནད་རྣམས་བཀྲོལ་ཞིང་གསལ་བར་བྱེད་པའི་འགྲེལ་པ་ཞིག་ཡིན། ཤོག་གྲངས། ༣༨༢
༄༅། །ཉིན་བྱེད་སྣང་བའི་འགྲེལ་པ་རྣམ་འགྲེལ་གསེར་གྱི་ཤིང་རྟ། དཔེ་དེབ་འདི་ནི་སྨིན་གླིང་ལོ་ཆེན་དྷརྨ་ཤྲིས་བརྩམས་གནང་མཛད་ཅིང༌། དེའི་ནང་དོན་རྩིས་གཞུང་ཉིན་བྱེད་སྣང་བའི་ཚིག་དོན་དང་ཟབ་མོའི་གནད་རྣམས་བཀྲོལ་ཞིང་གསལ་བར་བྱེད་པའི་འགྲེལ་པ་ཞིག་ཡིན།
ཤོག་གྲངས། ༣༨༢
༄༅། །ཁྱུང་ནག་ལུགས་ཀྱི་གཤིན་རྩིས་རྡེལ་བསྐོར། ཁྱུང་ནག་ལུགས་ཀྱི་གཤིན་རྩིས་རྡེལ་བསྐོར་འདི་ནི་དེང་སང་གི་དུས་སུ་དཔེ་རྒྱུན་ཤིན་ཏུ་དཀོན་པའི་ནག་རྩིས་ཀྱི་གྲས་ཤིག་ཡིན་ལ་སོང༌། མ་འོངས་རྩིས་རིག་པར་ཐོས་བསམ་གནང་མཁན་རྣམས་ལ་ཐུགས་ཕན་སོས་རེར་དམིགས་ཏེ་མ་དཔེ་མྱུར་སྐྱོབས་ཆེད་སྨན་རྩིས་ཁང་ནས་དཔར་དུ་བསྐྲུན་པ་ཞིག་ཡིན། ཤོག་གྲངས། ༡༡༤
༄༅། །རྒྱུད་དོན་སྙིང་པོ་ལེགས་པར་བསྡུས་པའི་ཟླ་ཟེར་ལས་ཕྱུང་པའི་ཚེས་ཞག་སྒྲ་གཅན་དང་ཟླ་ཉི་སྒྲིབ་ཚུལ་བཅས་ཀྱི་མན་ངག་བློ་ཡི་པད་དཀར་རྒྱས་པའི་འཛུམ་མདངས། དེབ་ཆུང་འདི་ནི་གོ་འཇོ་ཚེ་དབང་རྣམ་རྒྱལ་གྱིས་བརྩམས་པ་ཞིག་ཡིན་ཞིང༌། ནང་དོན་དཔལ་ལྡན་རྒྱུད་རྒྱལ་དུས་ཀྱི་འཁོར་ལོའི་དགོངས་པ་ཁོ་ན་གཞིར་བཟུང་ནས་དམིགས་བཀར་ཟླ་ཉི་སྒྲིབ་ཚུལ་གྱི་མན་ངག་རྣམས་རྟོགས་སླ་ཞིང༌། ཚིག་ཉུང་ལ་དོན་གནད་ཚང་བའི་དཔེ་དེབ་གཅིག་ཡིན། ཤོག་གྲངས། ༣༤
༄༅། །དཔལ་དུས་ཀྱི་འཁོར་ལོའི་བསྡུས་པའི་རྒྱུད་དང་དེའི་རྒྱས་འགྲེལ་དྲི་མ་མེད་པའི་འོད། འདི་ནི་རིགས་ལྡན་གྱི་ཐོག་མ་འཇམ་དཔལ་གྲགས་པས་དུས་འཁོར་རྩ་བའི་རྒྱུད་དང༌། དེའི་རྒྱས་འགྲེལ་པདྨ་དཀར་པོས་མཛད་པའི་གླེག་བམ་ཨེ་ཝཾ་གཉིས་སུ་བཞུགས་པའི་ནང་ནས་ཨེ་འདི་ཡིན་ཅིང༌། འདིའི་ནང་དོན་གཙོ་བོ་ནི་དཔལ་དུས་ཀྱི་འཁོར་ལོ་ཕྱི་ནང་གཞན་གསུམ་དག་པ་མཉམ་འབྱོར་གྱི་ཉམས་ལེན་རྣམས་ཕྱི་ནང་དབང་སྒྲུབ་ཐབས་ཡེ་ཤེས་ཏེ་ལེའུ་ལྔའི་བདག་ཉིད་ཀྱིས་བསྟན་པ་ཕྱི་དུས་ཀྱི་འཁོར་ལོར་ནི་ཕྱི་རོལ་ཉི་ཟླ་གཟའ་སྐར་གྱི་བགྲོད་ཚུལ་རྣམས་གསལ་བར་བསྟན་ཡོད།
ཤོག་གྲངས། ༥༢༢
༄༅། །ཕུག་ལུགས་རྩིས་ཀྱི་བསྟན་བཅོས་རིག་ལྡན་མཆོད་པའི་འོད་སྣང༌། རྩིས་གཞུང་འདི་ནི་རབ་བྱུང་བཅོ་ལྔ་པའི་མེ་ཡོས་ལོར་བྲག་དགོན་བསྟན་པ་རབ་རྒྱས་ཀྱིས་བརྩམས་པའི་སྐར་རྩིས་ཀྱི་གཞུང་ལུགས་ཀུན་བཏུས་ལྟ་བུ་ཞིག་ཡིན་པས། མ་འོངས་རྩིས་ཀྱི་རིག་པར་སློབ་གཉེར་གནང་འདོད་པ་རྣམས་ལ་རྩིས་རྫོབ་ཆུང་ཞིང་འཇུག་པ་བདེ་ཕྱིར་དུས་འཁོར་བ་ཨ་ཁུ་གྲོས་རྒྱ་མཚོ་མཆོག་ནས་རབ་རྒྱལ་ས་བྱ་ལོར་རྩིས་འགོ་གསར་དུ་སྤོས་པ་གང་ཞིག་དེ་སྔ་དཔེ་རིང་དུ་ཡོད་པ་རྩ་རྫོགས་ཀྱིས་དེབ་གཟུགས་ཐོག་དཔར་དུ་བསྐྲུན་པ་ཞིག་ཡིན། ཤོག་གྲངས། ༢༩༦
༄༅། །རྩིས་གཞིའི་མན་ངག་རིགས་ལྡན་འཛུམ་པའི་འོད་ཟེར། འདི་ནི་རྭ་རྒྱ་ཕྱག་མཛོད་གསུང་རབ་ཀྱིས་མཛད་པ་རྩིས་གཞི་མན་ངག་རིགས་ལྡན་སྙིང་གི་ཐིག་ལེ་ཞེས་པ་རབ་བྱུང་བཅུ་དྲུག་པའི་མེ་ཡོས་ལོར་མཁས་དབང་བླ་སྨན་མཁྱེན་རབ་ནོར་བུས་རྩིས་འགོ་སྤོ་བར་མཛད་པ་དེ་བཞིན་སླར་ཡང་ལྷ་ས་སྨན་རྩིས་ཁང་གནམ་རིག་སྐར་རྩིས་ཞིབ་འཇུག་ཁང་ནས་རབ་བྱུང་བཅུ་བདུན་པའི་མེ་ཡོས་ལོར་རྩིས་འགོ་གསར་དུ་སྤོས་ཐོག་སྟོང་འཇུག་དང་དྲུ་ཝ་ཡར་སློག་བསྣན་ཏེ་རབ་རྒྱན་ཆུ་ཕོ་ནོར་སྐྱོང་གི་ལོར་བསྐྱར་བསྒྲིགས་གནང་བ་རྩིས་གཞིའི་མན་ངག་རིགས་ལྡན་འཛུམ་པའི་འོད་ཟཻཻཻར་འདི་བཞིན་བོད་གཞུང་སྨན་རྩིས་ཁང་འདི་ནས་ནས་དཔར་དུ་བསྐྲུན་པ་ཞིག་ཡིན།
ཤོག་གྲངས། ༢༢༤
༄༅། །ཁྱུང་ནག་ལུགས་ཀྱི་བརྒྱ་རྡེའི་འགྲེལ་པ་ཚེ་རབས་ལས་རྩིས་བློ་གསལ་མགུལ་རྒྱན། དཔེ་དེབ་འདི་ཁྱུང་ནག་ཤཱཊ་དར་གྱིས་མཛད་པའི་ནག་རྩིས་གྲས་ཤིག་ཡིན་པ་དང༌། འདིའི་ནང་རྩ་བའི་ལེ་ཚན་བཞི་ཡོད་པ་སྟེ། ཚེ་རྩིས་ཀྱི་སྐོར་དང༌། བག་རྩིས་ཀྱི་སྐོར། འཐས་རྩིས་ཀྱི་སྐོར། ས་བདག་སྒྲིབ་བཅོས་ཀྱི་སྐོར་བཅས་ཡོད་པ་འདི་དག་རང་རེའི་བོད་པའི་སྤྱི་ཚོགས་ཁྲོད་ལག་ལེན་ཉེར་མཁོ་འབའ་ཞིག་ཆགས་ཡོད།
ཤོག་གྲངས། ༡༥༢
༄༅། །བོད་རྒྱལ་ཡོངས་རྩིས་པའི་ཚོགས་ཆེན་ཐེངས་དང་པོའི་སྐབས་ཀྱི་གསུང་བཤད་ཕྱོགས་བསྒྲིགས། དཔེ་དེབ་འདི་ནི་བོད་གཞུ་སྨན་རྩིས་ཁང་སྐར་དཔྱད་རྩིས་རིག་སྡེ་ཚན་ནས་སྤྱི་ལོ་ ༡༩༩༦ ཟླ་ ༣ ཚེས་ ༢༠ ནས་ ༢༣ བར་ཉིན་གསུམ་རིང་ཕྱོགས་མཐའི་མཁས་དབང་མང་པོ་ཞིག་ཚོགས་ཐོག་ཏུ་གདན་ཞུས་ཀྱིས་བོད་ཀྱི་ཐུན་མོང་མ་ཡིན་པའི་རྩིས་སྐར་ནག་དབྱངས་གསུམ་གྱི་ཐོག་ལ་གསུང་བཤད་གནང་བ་ཁག་ཕྱོགས་བསྒྲིགས་གནང་སྟེ་དཔར་བསྐྲུན་ཞུས་པ་ཞིག་ཡིན།
ཤོག་གྲངས། ༢༠༠
༄༅། །དངས་འཆར་དུས་སྦྱོར་མོ་འཐས་མཾཀུར། དངས་འཆར་གནས་མལ་བཅུ་གཉིས་ཀྱི་རྩིས་མོ་ལྐོག་གྱུར་སྟོན་པའི་མཾཀུར་འདི་ཉིད་རབ་བྱུང་བཅུ་གཉིས་པའི་མྱོས་ལྡན་ས་མོ་ཡོས་ལོ་སྟེ། ཕྱི་ལོ་ ༡༦༩༩ ལོར་མཛད་འདུག་པ་འདི་ཉིད་མཇལ་བདེ་ཞིང་དོན་ཚང་བ་དབྱངས་འཆར་རྩ་བའི་རྒྱུད་ཀྱི་ལེའུ་གསུམ་པ་དུས་སྦྱོར་ལེའུའི་འཐས་བུ་འཕྲོས་དོན་དང་བཅས་ཚང་བ་ཞིག་ཡིན་སྟབས་འདི་གའི་སློབ་དེབ་ཀྱི་ཁོངས་སུ་བཞུག་པ་ལ་བརྟེན་ནས་དཔར་དུ་བསྐྲུན་པ་ཞིག་ཡིན།
ཤོག་གྲངས། ༡༡༢
༄༅། །བཻ་དཀར་དགོངས་དོན་གཤིན་རྩིས་འཁྱེར་བདེ་གཅེས་པར་བཏུས་པ་ཕན་བདེའི་དཔལ་འབྱེད་རིན་ཆེན་ལྡེའུ་མིག འདི་ནི་སྨན་རྩིས་ཁང་གི་དབུ་འདོམས་མཁས་པའི་དབང་པོ་དབྱངས་ཅན་དགྱེས་པའི་ལང་ཚོའམ་པྲཛྙ་མ་ཎིའི་དངོས་སློབ་དགེ་ཚུལ་ཡེ་ཤེས་ཆོས་འཕེལ་ལགས་ཀྱིས་བཻ་དཀར་གཤིན་རྩིས་ནས་ཕྱོགས་བསྡུས་ཐོག་སྐར་རྩིས་ནས་ཁ་འགེངས་འོས་རིགས་བཀང་སྟེ་རབ་རྒྱན་ཆུ་བྱ་ལོར་ཕྱོགས་བསྒྲིག་གནང་འདུག་པ་འདི་བཞིན་ལག་ལེན་བྱ་བདེར་གཟིགས་ཏེ་དཔར་བསྐྲུན་ཞུས་པ་ཞིག་ཡིན། ཤོག་གྲངས། ༡༣༣
༄༅། །དཔལ་གཡུལ་ལས་རྣམ་པར་རྒྱལ་བའི་རྒྱུད་དོན་རབ་གསལ་ངག་གི་བཀོད་པ་ཀུན་གཟིགས་དབྱངས་འཆར་ཆེན་མོ་ཤེལ་གྱི་མེ་ལོང་ཞེས་བྱ་བ་འདི་བཞིན་འཇམ་མགོན་མི་ཕམ་རྣམ་རྒྱལ་རྒྱ་མཚོ་མཆོག་གིས་དགུང་གྲངས་སོ་གཉིས་ཏེ་རབ་ཚེས་མེ་གླང༌། སྤྱི་ལོ་ ༡༨༧༧ ལ་མཛད་པ་འདི་བཞིན་སྔ་འགྲེལ་ཀུན་གྱི་སྙིང་པོའི་བཅུད་བསྡུས་ཤིང་རྒྱས་བསྡུས་མཚམས་པ་མཁས་པས་དཔྱད་ན་ལེགས་པར་བཤད་པའི་རྒྱ་མཚོ་ལྟ་བུ་དང༌། བློ་དམན་དག་གིས་ཀྱང་མཇལ་ན་དགོངས་པར་རྟོགས་སླ་བ་སོགས་ཁྱད་ཆོས་དུ་མར་ལྡན་པར་བརྟེན། སྤྱི་ལོ་ ༡༩༩༠ ལོར་འདི་ག་འཕགས་ཡུལ་རྡ་ས་བོད་གཞུང་སྨན་རྩིས་ཁང་གི་རྩིས་སློབ་རྣམས་དང༌། གཞན་ཡང་དོན་གཉེར་ཅན་རྣམས་ལ་ཕན་རླབས་རྒྱ་ཆེར་ཡོང་རྒྱུར་དམིགས་ཏེ་དཔེ་གཟུགས་སུ་དཔར་བསྐྲུན་ཞུས་འདུག་པ་རྩ་རྫོགས་ཟིན་པས་གཟིགས་བདེའི་ཆེད་ཕྱི་ལོ་ ༢༠༠༡ ལོར་དེབ་གཟུགས་སུ་པར་བསྐྲུན་ཞུས་པ་ཞིག་ཡིན། བརྗོད་བྱའི་ནང་དོན་སྐྱེ་བུའི་བདེ་སྡུག་བླང་དོར་འབྲས་བུ་གཙོ་བོར་བསྟན་ཡོད།
ཤོག་གྲངས། ༢༩༠
For copies of all our publications, please contact:
Men-Tsee-Khang Exports
(Tibetan Medical & Astrological Institute )
PT-62/5, Kalkaji, New Delhi-110019, India
Tel: 0091-11-26214897/26436823
Fax: 0091-11-26211738
Email: mtkexports@vsnl.net / info@tibetan-medicine.org